Teaching Schedules

June/3 Sunday བོད་ཟླ་༤ཚེས་༡༤ སྔ་དྲོ།
Topic:
ལམ་གཙོ་རྣམ་གསུམ་ལ་འགྲེལ་བཤད།

June/4 Monday བོད་ཟླ་༤པའི་ཚེས་༡༥ བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་དུས་ཆེན་ཁྱབ་པར་ཅན་གྱི་ཉིན་སྔ་དྲོ།
Topics:
རྗེ་རིན་པོ་ཆེ་ལ་བརྟེན་པའི་མདོ་སྔགས་ཟུང་འབྲེལ་གྱི་བླ་མའི་རྣལ་འབྱོར་གྱི་སྒོམ་དང་།
དེ་ནས་ སྟོན་པ་ཐུབ་པའི་དབང་བོ་སྐུའི་མདུན་ནས་སེམས་བསྐྱེད་ཆོ་གའི་སྒོ་ནས་བླངས་ཏེ་མཇུག་ཏུ་བླ་མ་མཆོད་པའི་ཚོགས་བསྔོ་བ་དང་བཅས་རྣམ་དཀར་དགེ་བའི་ལས་མཚམས་རེ་ཞིག་མཇུག་བསྡུར་རྒྱུ་བཅས་འདི་གར་ནུབ་བྱང་བོད་རིགས་ཚོགས་པ་ནས་སོ། གཞན་ཡང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་། ནང་པའི་གྲུབ་མཐའ་གོང་འོག་གི་བདེན་གཉིས་བདེན་བཞི་སོགས་ཇི་ལྟར་འཇོག་པའི་ཚུལ། མདོར་ན། ནང་པའི་བལྟ་སྤྱོད་ཀུན་གྱི་གནད་ཚང་བའི་གྲུབ་མཐའ་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ནི་ཚིག་ཉུང་ཤིང་དོན་རྒྱས་ལ་གོ་ཡང་བདེ་བའི་ལེགས་བཤད་ངོ་མཚར་བ་ཞིག་ཡིན། དེའི་ཕྱིར་དེ་སྔོན་ཚོགས་པའི་གོ་སྒྲིག་ཐོག་དགེ་བཤེས་བཀྲ་ཤིས་རྒྱ་མཚོས་འདི་གར་བོད་ཁང་དུ་ཕྱག་དཔེ་དེ་ཉིད་འཁྲིད་པ་བཞིན་ད་ལམ་ཡང་རེས་གཟའ་མིག་དམར་དང་། པ་སངས། སྤེན་པ་བཅས་ཀྱི་དགོང་དྲོ་ཕྱག་ཚོད༥ ནས་༩་བར་ཏུ་ཕྱག་དཔེ་དེ་ཉིད་འཁྲིད་ཀྱི་ཡིན་པས་གཞུང་དེ་སྦྱངས་བར་འདོད་པའི་བློ་ལྡན་དོན་གཉེར་ཅན་སུ་ཡིན་ཡང་ཕེབས་པར་དགའ་བསུ་ཡོད།

Tuesday, Friday and Saturday (5pm-9pm)